གཞན།
བཅུད་པར་གཡང་མཁོ་རྒྱལ།
by gaitho on Jan.21, 2010, under གཞན།, བོད་ཡིག
མིང་། བཅུད་པར་གཡང་མཁོ་རྒྱལ། སྨྱུག་མིང་། བཅུད་པར་རྫ་སྐྱེས།
ཕ་ཡུལ། ཨ་མདོ་མཚོ་སྔོན་མང་ར་རྫོང་ཐར་ཤུལ་ཞང་བདའ་ཚང་རྟ་མང་འཚོ་བར་སྐྱེས།
བྱ་བ་བསྒྲུབས་པའི་དུས་ཡུན། དགེ་རྒན་དང་རྩོམ་སྒྲིག་པའི་ལས་ཀ་ལོ་ངོ་བཅོ་བརྒྱད་ལྷག་ལ་གཉེར་མྱོང་།
བརྩམས་ཆོས། ༢༠༠༨ལོར་སྙན་རྩོམ་ཐོག་མ་རོ་ལངས་ཞེས་པ་ཤེས་བྱ་ཀུན་འདུས་རྩོམ་སྒྲིག་ལྟེ་གནས་ཀྱིས་པར་སྐྲུན་འགྲེམས་སྤེལ་བྱས་ཡོད། གཞན་ཡང་སློབ་ཆུང་དག་ཡིག་བྱིས་བློ་འཇུག་ངོགས་དང་སློབ་གསོ་དྲི་བའི་ཅོང་སྒྲ་ལེགས་བཤད་ལྗོན་པའི་དབང་བོའི་རྩ་འགྲེལ་བྱིས་བློ་འཇུག་ངོགས་ཞེས་པ་པར་སྐྲུན་བྱ་ (continue reading…)
ས་དཀར་འོད་ཟེར།
by gaitho on Dec.10, 2009, under གཞན།, བོད་ཡིག
ས་དཀར་འོད་ཟེར། ཁོང་ནི་མདོ་སྨད་གཅན་ཚ་གོང་བ་རུ་སྐྱེས་ཤིང་། སྤྱི་ལོ༡༩༨༥ལོའི་བར་དུ་ཕ་ཡུལ་གྱི་སློབ་གྲྭར་འགྲིམས་ཏེ། ༡༩༨༦-༡༩༨༩ ལོའི་བར་དུ་ལ་མོ་བདེ་ཆེན་དགོན་དང་བླ་བྲང་བཀྲ་ཤིས་འཁྱིལ་བཅས་སུ། མཚན་ཉིད་གཙོ་བྱས་པའི་བོད་ཀྱི་རིག་གནས་ཆེ་ཆུང་ལ་སྦྱང་བརྩོན་བྱས། ༡༩༩༠-༡༩༩༦བར་དུ་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་དུ་རྣམ་འགྲེལ་དབུ་གཙོ་བྱས་པའི་རིག་གནས་ཆེ་ཆུང་ལ་མུ་མཐུད་དུ་སྦྱང་བརྩོན་གནང་དེ། ལོ་འཁོར་ཡིག་རྩལ་ཨང་དང་པོའི་སྦྱངས་འབྲས་ཐོབ་ཅིང་། ཞོར་དུ་སློབ་ཁྲིད་ཀྱང་གནང་ཡོད། ༡༩༩༦-༡༩༩༧བར་དུ་རྡ་སའི་རིག་སློབ་དུ་དམིགས་བསལ་གྱིས་ཞུགས་ནས། དབུ་མ་དང་མཛོད་ལ་སྦྱངས་ཞོར་དུ། ཀིརཏི་གྲྭ་ཚང་གི་རྣམ་འགྲེལ་གྱི་དགེ་རྒན་བྱས། ༡༩༩༧-༢༠༠༡བར་དུ་རྒྱ་གར་དུ་རྟེན་གཞི་བྱས་པའི་ནོར་བུ་གླིང་ཀའི་ཞིབ་འཇུག་པ་དང་ནོར་མཛོད་རྩོམ་སྒྲིག་པ། ནོར་སྡེ་རྩོམ་སྒྲིག་པ་དང་གངས་ཅན་ཤེས་རིག་བང་མཛོད་ཀྱི་རྩོམ་སྒྲིག་པ་བཅས་ཀྱི་ཕྱག་ལས་གནང་། (continue reading…)
ལྕགས་མོ་འཚོ།
by gaitho on Dec.10, 2009, under གཞན།, བོད་ཡིག
ལྕགས་མོ་འཚོ། སྨྱུག་མིང་གཡུ་ཞུན། མདོ་སྨད་བོང་སྟག་ནག་བཟའ་སྡེ་བར་སྐྱེས། ཆུང་དུས་ནས་བོད་ནང་གི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་འགྲིམས་རྗེས། སྤྱི་༡༩༩༨ལོར་རྒྱ་ནག་ལན་གྲུ་མི་རིགས་སློབ་གྲྭ་ཆེན་མོ་རུM.Aཞིབ་འཇུག་སློབ་མའི་ཡོན་ཚད་ཀྱི་ཐོབ་ཐང་བླངས་ཤིང་། སྔ་གཞུག་ཏུ་མཚོ་སྔོན་ཐེམ་ཆེན་རྫོང་མི་རིགས་སློབ་གྲྭ་དང་། མཚོ་ནུབ་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུང་། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་བཅས་སུ་དགེ་རྒན་དང་སྙན་སྒྲོན་པ། གསར་འགོད་པ། རྩོམ་སྒྲིག་བཅས་ཀྱི་ཕྱག་ལས་གནང་མྱོང་།
བོད་ཕྱི་ནང་གི་དུས་དེབ་འདྲ་མིན་གྱི་སྟེང་དུ་རྒྱ་བོད་ཡིག་རིགས་གཉིས་ཀྱིས་སྙན་རྩོམ་དང་ལྷུག་རྩོམ། དཔྱད་རྩོམ་སོགས་མང་པོ་སྤེལ་མྱོང་། སྤྱི་ལོ་༡༩༩༨ལོར་མི་རིགས་ཤིག་གི་ལྗིད་ཏིག་ཏིག་གི་སེམས་ཁུར་དང་བརྩེ་དུང་གི་བདེ་དྲོད་རྒུམ་བཞིན་རྒྱ་གར་ལ་བཙན་བྱོལ་དུ་འབྱོར་དགོས་བྱུང་། སྤྱི་ལོ་༡༩༩༩ནས༢༠༠༠ལོའི་བར་དུ་བཙན་བྱོལ་བོད་གཞུང་ཕྱི་དྲིལ་ལས་ཁུང་གི་བོད་ཀྱི་གསར་འཕྲིན་ཞེས་པའི་རྒྱ་ཡིག་དུས་དེབ་ཀྱི་རྩོམ་སྒྲིག་པའི་ཕྱག་ལས་གནང་།
སྤྱི་ལོ་༢༠༠༠ལོར་ཨ་རིའི་རྒྱལ་ས་ཝ་ཞིན་ཀྲོན་ལ་རྟེན་གཞི་བྱས་ པའི་ཨེ་ཤ་ཡ་རང་དབང་རླུང (continue reading…)
གཟུངས་ཕྱུག་སྐྱིད།
by gaitho on Nov.20, 2009, under གཞན།, བོད་ཡིག
དངོས་མིང་གཟུངས་ཕྱུག་སྐྱིད། པུར་མིང་ལ་བདེ་འཚོ་ཟེར། ཕྱི་ལོ་༡༩༧༤ ༣ ༡༥མདོ་སྨད་མང་ར་རྫོང་རུ་ངན་ཁག་གསུམ་གྱི་ཡ་གྱལ་ཚ་ནག་འབྲོག་སྡེར་སྐྱེས།ཆུང་དུས་ནས་བཟུང་དམངས་ཁྲོད་གླུ་གཞས་དང་གླིང་སྒྲུང་དེ་མིན་ལྷ་མོའི་ཟློས་གར་བསྟན་བཅོས་བརྒྱད་སོགས་ལ་ལྟ་ཀློག་གི་ཆགས་ཟབ་མོ་བཞག་སྟེ་གསར་རྩོམ་ལ་དགའ་བའི་རྨང་གཞི་བཏང༌།༡༩༩༣ལོ་ནས་བཟུང་ད་ལྟའི་བར་སྙན་རྩོམ་གཙོས་རྩོམ་ཡིག་ཉིས་བརྒྱ་ལྷག་བོད་ཕྱི་ནང་གཉིས་ཀྱི་དུས་དེབ་དང་ཚགས་པར་སོགས་ཀྱི་སྟེང་དུ་བཀོད་ཡོད་ལ།དེ་དག་ལས་སྙན་ངག་བརྩམས་ཆོས་མང་པོ་ཞིག་སྔ་ཕྱིར་སྦྲང་ཆར་ལོ་འཁོར་༢༠དཔེ་ཚོགས་<<སྙན་རྩོམ་ཅོ་ཀའི་དྲུག་འགྱུར>>དང་དེང་རབས་བོད་ཀྱི་སྙན་རྩོམ་ཕྱོགས་བསྒྲིགས་<<དུས་རབས་ཀྱི་འགྱུར་ཁུགས>>མཚོ་སྔོན་ཁྲིམས་ལུགས་ཚགས་པར་གྱི་ལོ་འཁོར་༢༠འཁོར་བའི (continue reading…)
ལྷ་ཆབ་སྦྱིན་པ།
by gaitho on Nov.20, 2009, under གཞན།, བོད་ཡིག
ལྷ་ཆབ་སྦྱིན་པ། སྤྱི་ལོ་༡༩༧༧ ལོར་བོད་མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཉེ་འདབས་ཁ་གྱ་འཚོ་དྲུག་གི་ཡ་གྱལ་གནམ་ལྷའི་ཁ་གྱ་ཚང་དུ་སྐྱེས། རང་ལོ་བཅུ་གཉིས་སྟེང་ལྷ་ཆབ་དགོན་པར་རབ་ཏུ་བྱུང་སྟེ་ཡི་གེ་འབྲི་ཀློག་སྦྱངས་པ་དང༌། རང་ལོ་བཅུ་བདུན་སྟེང་ཀན་སུའུ་ཞིང་ཆེན་ནང་བསྟན་སློབ་གླིང་དུ་ཞུགས་ཏེ་བོད་ཀྱི་ཐུན་མོང་བའི་རིག་གནས་ལ་སློབ་སྦྱོང་བྱས། སློབ་གླིང་དེར་སློབ་མཐར་ཕྱིན་ཏེ་བླ་བྲང་བཀྲ་ཤིས་འཁྱིལ་དུ་རང་མོས་ཀྱིས་སློབ་སྦྱོང་བྱེད་ཞོར་གུར་བཀུམ་ཆུན་པོ་ཞེས་པའི་སྒེར་གཉེར་དུས་དེབ་ཅིག་གསར་གཏོད་བྱས་ཏེ་རྩོམ་སྒྲིག་པའི་འགན་ཁུར། རང་ལོ་ཉེར་ལྔའི་སྟེང་བཙན་བྱོལ་དུ་འབྱོར་ཏེ་ (continue reading…)
ལྷ་སྡེ་གནམ་ལོ་ཡག
by gaitho on Nov.20, 2009, under གཞན།, བོད་ཡིག
ལྷ་སྡེ་གནམ་ལོ་ཡག པིར་མིང་། ལྡོང་སྲས། རིག་གནས་གསར་བརྗེ་ཆེན་པོའི་རླུང་དམར་ཁྲོད་དུ་མདོ་སྨད་མཚོ་སྔོན་པོའི་ལྷོ་ཕྱོགས་ཀྱི་ཧང་ངེ་རྩྭ་ཐང་གི་འབྲོག་ཁྱིམ་ཕལ་བ་ཞིག་ཏུ་ལྟེ་ཁྲག་གཏོར་ཞིང་། འབྲོག་ཕྲུག་སྤྱི་མཚུངས་ལྟར་བེའུ་དང་ལུག་ཆུང་རྩེད་རོགས་སུ་བྱས་ནས་འཚར་ལོངས་བྱུང་བར་མ་ཟད། སྤོ་བོ་ཀུན་བཟང་དང་རྨོ་མོ་གཡང་མཁོ། ཨ་ནེ་ནོར་མཚོ་སྐྱིད་བཅས་ཀྱི་སྙོར་སྐྱོང་འོག་བྱིས་དུས་མཛོང་ཁུག་གི་ཐལ་བའི་ནང་བསྐྱལ་བ་ཡིན་པས། དེང་སྐབས་ཀྱི་འཛམ་གླིང་ལ་མཚོན་ན་དེ་ནི་གདོད་མའི་འཚོ་སྟངས་ཤིག་ཏུ་ལྟ་མི་སྲིད་པའང་མིན་མོད། གནམ་ལོ་ཡག་གིས་བཤད་ན། དེ་ནི་ཁོ་རང་གི་ལུས་ཕུང་བདེ་ཐང་དང་ (continue reading…)
ཆབ་བྲག་ལྷ་མོ་སྐྱབས།
by gaitho on Nov.20, 2009, under གཞན།, བོད་ཡིག
ཆབ་བྲག་ལྷ་མོ་སྐྱབས་སམ། སྨྱུག་མིང་ལ་ཆབ་བྲག་ཕོ་ཉ་ལགས་ཡིན་ལ། ཁོང་ནི་བོད་མདོ་སྨད་སོག་རྫོང་ངམ། མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་སོག་རྫོང་དུ་སྐྱེས་ཤིང་། རིམ་བཞིན་བོད་ནང་གི་སློབ་གྲྭ་ཆུང་འབྲིང་ཆེ་གསུམ་བརྒྱུད་ནས། གཅིག་དགུ་གྱ་ལྔ་ལོར་རྨ་ལྷོ་ཁུལ་བོད་ཡིག་སློབ་འབྲིང་གི་དགེ་རྒན་གྱི་ཕྱག་ལས་གནང་ཞིང་། གཅིག་དགུ་གྱ་དགུ་ལོར་རང་ཡུལ་དང་ཁ་གྱེས་ནས་མི་རིགས་ཤིག་གི་སློབ་གསོ་དང་རིགས་གཞུང་གི་ཕམ་ཁ་ཁུར་ནས། རྒྱ་གར་ལ་བཙན་བྱོལ་དུ་ཕེབས་དགོས་བྱུང་། བཙན་བྱོལ་དུ་འབྱོར་བ་ནས་རིམ་བཞིན་སློབ་ཆུང་དགེ་རྒན་ལོ་བཞི་དང་གོ་དགུ་ (continue reading…)
རི་སྐྱེས་ཁ་བ་འཚོ།
by gaitho on Nov.20, 2009, under གཞན།, བོད་ཡིག
ངའི་མིང་ལ་ཟ་ལེ་རྒྱལ་ཟེར། ང་རང་སྐུ་ཞབས་སྨན་བླའི་ཁ་ཤགས་སྒྱུ་རྩལ་ལས་འཚར་ལོངས་བྱུང་། ཨ་ཕས་བཤད་ན་ང་རང་ཆུང་དུས་སློབ་གྲྭར་འགྲོ་ཁུལ་བྱས་པ་དེ་མ་འགྲིག་པ་རེད་ཟེར་ལ། ཨ་མས་བཤད་ན་དེ་ནི་ངའི་ལས་དབང་དང་ཐོད་པའི་ཁ་ཡིག་རེད་ཟེར། ཡང་ལོ་ལོན་འགས་བཤད་ན་ངའི་ཁོག་ལ་གདོན་ཞུགས་པས་རེད་ཟེར། ཡིན་ཡང་སྐུ་ཞབས་སྨན་བླས་དེ་ནི་བློ་སྤོབས་དང་གོ་སྐབས་འཕྲད་པའི་མདུན་སྐྱོད་ཀྱི་གོམ་པ་དང་པོ་ཡིན་ལ། སྒྱུ་རྩལ་ཁ་ཤགས་འདིའི་ནང་གི་རེ་བ་ཆེ་ས་དེའང་ཡིན་མོད། མི་ཚང་མས་ངོ་གདོང་ནས་གོ་བ་བླངས་ཏེ་ཟ་ལེ་རྒྱལ་གྱི་ངོ་གདོང་ལ་མཆིལ་མ་གཏོར་བར་བློ་ཕམ་ཡོད་ཟེར། ངས་ཞིབ་འདང་བརྒྱབས་ན་ཨ་ཕས་བཤད་པ་བདེན་ལ། ཨ་མས་བཤད་པའང་བདེན། ཡིན་ཡང་ངས་སྐུ་ཞབས་སྨན་བླས་སྒྱུ་རྩལ་གྱི་ཞིང་ཁམས་ (continue reading…)